米滂仁波切涅槃紀念日


藏曆4月28日米滂仁波切涅槃紀念日

以下為持明仁增塔欽所撰紀念蔣嘎米滂仁波切之詩
ཤེས་བྱ་རྒྱུ་སྐར་མཁྱེན་མཁར་འཆར་བས་རྒྱུད་འཛིན་ཡིད་ཀྱི་མུན་པ་བསལ།།
བརྡ་ཚིག་རྟོག་འཛིན་ཆོས་ཀྱི་བརྗོད་བྱེད་ཇི་སྙེད་དཔེ་ཡིས་རབ་བསྟན་ཅིང་།།
གཞི་ལམ་འབྲས་ཆོས་མདོ་སྔགས་ལྟ་ཟབ་ཟུང་འཇུག་སེངྒེའི་སྒྲ་གཅིག་གིས།།
ཐུབ་པའི་རིང་ལུགས་འཆད་ལ་ཟླ་མེད་ཀུན་མཁྱེན་མི་ཕམ་རྒྱ་མཚོ་འདུད།།
ལི་ཁྲིའི་མཚན་དཔེ་བཞད་པའི་ལྷ་ཡི་ཤེས་རབ་རྩལ་ཆེན་རྫོགས་པའི་རྗེ།།
ཉིད་ཀྱི་ལྟ་བ་གཞན་དྲིང་དབེན་པའི་ཟབ་རྒྱས་ཆོས་ཀྱི་བདུད་རྩི་རེས།།
མཐའ་འཛིན་ཕྱོགས་ལྷུང་གོལ་སའི་སྒྲོགས་དང་བཤད་ཡམ་ཕྱོགས་ལས་རབ་གྲོལ་པའི།།
རྒྱ་ཆེའི་གཞུང་ལ་ངེས་དོན་བཅུད་ལྕི་ལེགས་བཤད་པུ་ཏི་བླ་ན་ཆེ།།
ཐར་བ་འདོད་རྣམས་པད་མའི་རིང་ལུགས་ཀུན་མཁྱེན་ཡབ་སྲས་བརྒྱུད་པའི་སྲོལ།།
མི་ཕམ་ཆོས་རྗེའི་གཞུང་ལུགས་རྒྱ་མཚོར་ཐོས་བསམ་སྒོམ་པས་བརྩོན་མཛད་ན།།
སྙིགས་མའི་དུས་ཀྱི་བཤེས་གཉེན་ཆེན་པོ་ཐར་གླིང་བགྲོད་པའི་ལམ་མཆོག་རྨད།།
རྒྱ་ཀོང་རིག་འཛིན་མཐར་ཕྱིན།

留言

這個網誌中的熱門文章

《極樂願文》 參、往極樂淨土四真理一、觀想淨土(一)

《極樂願文》 2.12懺悔未知自性罪之一

《入雄心菩薩行論》第六品修忍辱