《入雄心菩薩行論》第十品 迴向品(一)
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།
《入雄心菩薩行論》
第十品 迴向品(一)
བདག་གིས་བྱང་ཆུབ་སྤྱོད་པ་ལ། འཇུག་པ་རྣམ་པར་བརྩམས་པ་ཡི།
造淨悟菩提行持 此一切善根全然
དགེ་བ་གང་དེས་འགྲོ་བ་ཀུན། བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག
悉皆迴向諸眾生 願融入菩薩行持
ཕྱོགས་རྣམས་ཀུན་ན་ལུས་དང་སེམས། སྡུག་བསྔལ་ནད་པ་ཇི་སྙེད་པ།
所有方位身與心 痛苦以及生病者
དེ་དག་བདག་གི་བསོད་ནམས་ཀྱིས། བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག
彼等以我之福德 願獲安樂如大海
དེ་དག་འཁོར་བ་ཇི་སྲིད་དུ། ནམ་ཡང་བདེ་ལས་ཉམས་མ་གྱུར།
願彼等盡輪迴際 恆時不失諸安樂
འགྲོ་བས་བྱང་ཆུབ་སེམས་དཔའ་ཡི། བདེ་བ་རྒྱུན་མི་འཆད་ཐོབ་ཤོག
願有情獲菩薩之 相續不斷之安樂
འཇིག་རྟེན་ཁམས་ན་དམྱལ་བ་དག གང་དག་ཇི་སྙེད་ཡོད་པ་རྣམས།
滅依世界地獄道 所有一切諸地獄
དེ་དག་ཏུ་ནི་ལུས་ཅན་རྣམས། བདེ་ཅན་བདེ་བས་དགའ་བར་ཤོག
其中所有諸有情 願得安樂咸歡喜
གྲང་བས་ཉམ་ཐག་དྲོ་ཐོབ་ཤོག བྱང་ཆུབ་སེམས་དཔའི་སྤྲིན་ཆེན་ལས།
願寒苦者得溫暖 亦願菩薩之妙雲
བྱུང་བའི་ཆུ་བོ་མཐའ་ཡས་ཀྱིས། ཚ་བས་ཉམ་ཐག་བསིལ་བར་ཤོག
飄降無邊量淨水 熱苦窘迫得清涼
རལ་གྲི་ལོ་མའི་ནགས་ཚལ་ཡང་། དེ་ལ་ཙནྡན་ནགས་སྟུག་ཤོག
近邊地獄劍葉林 願見為旃檀深林
ཤལ་མ་རི་ཡི་སྡོང་པོ་ཡང་། དཔག་བསམ་ཤིང་དུ་འཁྲུངས་པར་ཤོག
滿地尖刺利刀山 願見為如意寶樹
འཐིང་རིལ་ངུར་པ་དག་དང་ངང་པ་དང། བཞད་སོགས་སྐད་སྙན་འབྱིན་པས་མཛེས་གྱུར་ཅིག
水鷗鷺鷥鴻鵠珍禽與 天鵝等出妙音以莊嚴
པདྨ་དྲི་བསུང་ཆེ་ལྡན་མཚོ་དག་གིས། དམྱལ་བའི་ས་ཕྱོགས་དག་ནི་ཉམས་དགར་ཤོག
蓮花大妙香廣大湖以 願諸地獄道咸變悅樂
སོལ་ཕུང་དེ་དག་རིན་ཆེན་ཕུང་པོར་གྱུར། ས་བསྲེགས་ཤེལ་གྱི་ས་གཞི་བསྟར་བར་ཤོག
願炙炭轉為珍寶藴堆 熱鐵地成水晶之莊嚴
བསྡུས་འཇོམས་རི་བོ་རྣམས་ཀྱང་མཆོད་པ་ཡི། གཞལ་མེད་ཁང་གྱུར་བདེ་གཤེགས་གང་བར་ཤོག
聚砸諸山轉為誠供養 越量宮之樂臻佛如來
མདག་མ་རྡོ་བསྲེགས་མཚོན་གྱི་ཆར་པ་དག དེང་ནས་བཟུང་སྟེ་མེ་ཏོག་ཆར་པར་གྱུར།
炙燒岩漿熱石兵器雨 從今轉為花雨繽紛降
ཕན་ཚུན་མཚོན་གྱིས་འདེབས་པ་དེ་ཡང་ནི། དེང་ནས་རྩེ་ཕྱིར་མེ་ཏོག་འཕེན་པར་ཤོག
兵器刀劍互相打殺伐 從今願令鮮花互投撒
持明仁增塔欽新譯
持明仁增塔欽 https://chihming8.blogspot.com/

留言
張貼留言