《入雄心菩薩行論》第八品 修禪定(六)


བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།
《入雄心菩薩行論》
第八品 修禪定(六)
སྤྲིན་བྲལ་ཉི་ཟེར་གྱིས་ཕྱེ་བའི། པདྨ་གཞོན་ནུ་སྤངས་ནས་ནི།
離雲燦陽照綻放 潔淨妙蓮偏捨棄
མི་གཙང་ཞེན་པའི་སེམས་ཀྱིས་ནི། མི་གཙང་གཟེབ་ལ་ཅི་ཕྱིར་དགའ།
貪執不淨身之心 為何偏愛不淨囊
ས་ཕྱོགས་མི་གཙང་གྱིས་གོས་པ། གལ་ཏེ་རེག་པར་མི་འདོད་ན།
地面若為不淨污 令汝不欲觸碰及
གང་ལས་དེ་ནི་བྱུང་བ་ཡི། ལུས་ལ་ཇི་ལྟར་ཁྱོད་རེག་འདོད།
不淨生出之源頭 他身汝何欲觸碰
གལ་ཏེ་མི་གཙང་ཆགས་མེད་ན། མི་གཙང་ཞིང་ལས་བྱུང་གྱུར་ཅིང་།
若於不淨不貪婪 從不淨田所生出
དེ་ཡི་ས་བོན་དེས་བསྐྱེད་པ། གཞན་ཁྱོད་ཅི་ཕྱིར་པང་དུ་འཁྱུད།
從不淨種子所出 他身何故擁入懷
མི་གཙང་ལས་བྱུང་མི་གཙང་སྲིན། ཆུང་དུའང་ཁྱོད་འདོད་མི་བྱེད་ལ།
從不淨生不淨蟲 於彼小蟲汝不喜
མི་གཙང་མང་པོའི་རང་བཞིན་ལུས། མི་གཙང་སྐྱེས་པའང་འདོད་པར་བྱེད།
眾多不淨之身軀 從不淨生何反欲
ཁྱོད་ནི་རང་ཉིད་མི་གཙང་ལ། སྨོད་མི་བྱེད་པར་མཟད་ཀྱི།
汝之自身亦不淨 於此不淨不厭棄
མི་གཙང་རྐྱལ་པ་མི་གཙང་ལ། བརྐམ་པས་གཞན་ཡང་འདོད་པར་བྱེད།
復於他身不淨囊 貪婪不淨生欲求
ག་པུར་ལ་སོགས་ཡིད་འོང་དང་། འབྲས་ཆན་དག་གམ་ཚོད་མའང་རུང་།
龍腦香等令人悅 米食蔬菜等美食
ཁར་བཅུག་ཕྱིར་ཕྱུང་བོར་བ་ཡིས། ས་ཡང་མི་གཙང་བཙོག་པར་འགྱུར།
令入口後復吐出 地亦沾污成不淨
གལ་ཏེ་མི་གཙང་འདི་འདྲ་བ། མངོན་སུམ་གྱུར་ཀྱང་ཐེ་ཚོམ་ན།
若見不淨身如是 親見如是復質疑
དུར་ཁྲོད་དག་ཏུ་བོར་བའི་ལུས། མི་གཙང་གཞན་ཡང་བལྟ་བར་གྱིས།
當前往屍陀林中 觀所棄之不淨體
གང་ལས་པགས་པའི་ཁ་ཕྱེ་ན། འཇིགས་པ་ཆེན་པོ་སྐྱེ་འགྱུར་བར།
其身腐壞皮裂時 能令人生大怖畏
ཤེས་ཀྱང་ཇི་ལྟར་དེ་ཉིད་ལ། ཕྱིར་ཞིང་དགའ་བ་སྐྱེ་བར་འགྱུར།
然而知己復何以 仍貪執且生歡喜
ལུས་ལ་བསྐུས་པའི་དྲི་དེ་ཡང་། ཙནྡན་སོགས་ཡིན་གཞན་མ་ཡིན།
身所塗薰之香水 即旃檀等非其餘
གཞན་གྱི་དྲི་དེས་གཞན་དག་ལ། ཅི་ཡི་ཕྱིར་ན་ཆགས་པར་བྱེད།
依於其餘之香味 何故於身起貪婪
འོན་ཏེ་དྲི་ཞིམ་ཙནྡན་ནི། ལུས་ལ་འདིར་ནི་ཅི་ཞིག་བྱུང་།
此香味出於旃檀 此身有何香味現
གཞན་གྱི་དྲི་ཡིས་གཞན་དག་ལ། ཅི་ཡི་ཕྱིར་ན་ཆགས་པར་བྱེད།
依於其餘之香味 何故於身起貪婪
གལ་ཏེ་སྐྲ་སེན་རིང་བ་དང་། སོ་སྐྱ་དྲིར་བཅས་འདམ་གྱི་དྲིས།
若髮長且指甲長 牙齒污垢黏膩臭
བསྒོས་པས་ལུས་ཀྱི་རང་བཞིན་ནི། གཅེར་བུ་འཇིགས་པ་ཉིད་ཡིན་ན།
人身自性本質是 赤裸之時極恐怖
རང་ལ་གནོད་པའི་མཚོན་བཞིན་དུ། དེ་འབད་ཅི་ཕྱིར་བྱི་དོར་བྱེད།
如傷自身之刀劍 何故勤加擦潔淨
བདག་ལ་རྨོངས་པའི་འབད་པ་ཡིས། སྨྱོས་པས་ས་འདི་ཀུན་ཏུ་འཁྲུགས།
己之愚痴徒勤勞 於地痴狂極攪亂
རུས་གོང་འབའ་ཞིག་མཐོང་ནས་ནི། དུར་ཁྲོད་དུ་ནི་ཡིད་འབྱུང་ན།
唯見已死舊骨骸 於屍林猶生厭離
གཡོ་བའི་རུས་གོང་གིས་ཁྱབ་པའི། གྲོང་གི་དུར་ཁྲོད་ལ་དགའ་འམ།
活動之白骨遍滿 如是城邑何喜愛
持明仁增塔欽仁波切新譯
持明仁增塔欽 https://chihming8.blogspot.com/

留言

這個網誌中的熱門文章

《極樂願文》 2.12懺悔未知自性罪之一

《入雄心菩薩行論》第六品修忍辱

印度那爛陀的大班智達寂天菩薩所寫的《入菩薩行論》是世界上闡述成佛道路、菩提行道上最究竟圓滿的著作。