持明仁波切阿藏珠巴法王子涅槃


持明仁波切阿藏珠巴法王子涅槃

སྲིད་ཞི་ཀུན་ཁྱབ་ཀ་དག་འཇའ་ཟེར་ཡེ་བཞུགས་འོད་ལྔའི་ཀློང་ཆེན་པོའི།།རྒྱལ་ཀུན་གསང་མཛོད་ཆོས་ཀྱི་དབྱིངས་ལས་མཚན་རྫོགས་སྐུ་བཞེངས་བླ་མ་རྗེའི།།
གསང་གསུམ་སྤྲུལ་པའི་རྒྱལ་ཚབ་དམ་པ་བྱ་བྲལ་རྫོགས་ཆེན་རྣལ་འབྱོར་པ།།
ལྷ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མར་རིག་རྩལ་རྒྱན་གྱི་ཀློང་ན་རྒྱལ།།

གསང་བདག་དཔའ་བོའི་ཞལ་སྐྱིན་བཞུགས་པ་དགའ་རབ་རྡོ་རྗེའི་ཡེ་ཤེས་བྱིན།།
མཚོ་སྐྱེས་བླ་མ་པདྨ་སམ་བྷའི་ངོ་མཚར་རྫུ་འཕྲུལ་བཀོད་པའི་ཉམས། །ཀློང་ཆེན་རབ་འབྱམས་འཇིགས་མེད་གླིང་པ་དཔའ་རྡོ་རྗེའི་དགོངས་པའི་རྩལ།།
གཅིག་ཏུ་སྤུང་བ་བླ་མ་ཡབ་སྲས་གསང་གསུམ་མི་ཕྱེད་དད་པས་བསྙེན།།
ནཱ་གརྫུ་ནའི་སྟོང་ཆེན་སྤྲོས་བྲལ་པདྨ་ཀ་རའི་འོད་གསལ་ཆོས།།
དགོངས་པའི་ཀློང་ན་མན་ངག་ཚུལ་གྱིས་བྱིན་རླབས་འཁྱིལ་བའི་བདུད་རྩི་ཡིས།།
མདོ་མང་ལུང་དང་ཡིད་དཔྱོད་གཏན་ཚིག་བློ་སྩོལ་བྲལ་བས་སྨིན་གྲོལ་འབྱེད།།
སྲིད་པའི་འཇིགས་འཕྲོག་བྱང་ཆེན་སྤྱོད་པ་བཟོད་སྟོབས་སྙིང་རྗེའི་གོ་ཆ་བརྗིད།།
དམ་ཚིག་སྡོམ་པའི་མཚོན་ཆེན་འཆང་ཞིང་ངེས་དོན་ཟབ་མོའི་དཔའ་སྟོབས་ཀྱིས།།
བགས་ཆགས་ལས་ངན་སྟོབས་སུ་བདོ་བའི་རྟོག་རིས་འཛིན་པ་གྲོལ་མཛད་པའི།།
རྒྱལ་སྲས་འཇམ་དགའི་རྣམ་པར་ཐར་བ་ཆོས་པ་བཟང་པོའི་ལམ་བཟང་ཡིན།།
བདག་དོན་མ་བྱས་ཡབ་རྗེའི་བཀའ་བཞིན་བླ་མ་བརྒྱུད་པའི་རིང་ལུགས་ཟིན། །
གཞན་དོན་མ་དོར་མོས་སྣང་དད་པའི་གདུལ་བྱ་ཉམས་ཆུང་ཆོས་ཀྱིས་བསྐྱངས།།
རང་གཞན་མཐར་ཕྱིན་རྒྱལ་སྲས་དམ་པ་གཤེགས་བཞུད་མི་རྟག་བསྐུལ་མ་འདིས།།དམ་ཆོས་ཐར་བར་ཕྱོགས་པའི་མོས་བློ་ངེས་པར་འབྱུང་བའི་གསོས་སུ་སྨིན།།

སྙིང་ཏིག་ཆུ་གཏེར་གདམས་ངག་ཟབ་མོའི་ཁ་འབབ་རླབས་རྒྱུན་རིང་མོའི་ཀླུང་།།དགོངས་ཀློང་ཟབ་གླིང་རིག་པའི་རྒྱ་མཚོར་ངོ་མཚར་བརྒྱུད་པའི་རྒྱུན་འཁྱིལ་བ།། དད་གུས་མོས་པ་དག་པའི་སེམས་ཅན་སྐལ་ལྡན་སློབ་མར་སྙན་བརྒྱུད་འབྱེད།།

དགོངས་བརྒྱུད་བརྡ་བརྒྱུད་སྙན་ཁུང་བརྒྱུད་པ་བཀའ་བབས་སྨོན་ལམ་གཏད་རྒྱ་བརྒྱུད།། སྨིན་གྲོལ་བཀའ་གཏེར་བརྒྱུད་པའི་བླ་མ་རྩ་བརྒྱུད་རིག་འཛིན་རྒྱ་མཚོའི་ཚོགས། །དགུ་ལྡན་བརྒྱུད་པའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བདེན་མཐུ་ཡིས།།ཆོས་ཀྱི་ཉི་མའི་སྒྱུ་འཕྲུལ་མྱུར་འབྱོན་ཡེ་ཤེས་རྡོ་རྗེ་སྐུ་ཚེ་བརྟན། །དད་དམ་མཆོག་ལྡན་རྒྱ་ཀོང་རིག་འཛིན་མཐར་ཕྱིན་གྱིས་ཐད་ཀར་སྨོན་ལམ་བཏབ་པ་དགེ།།༢༠༢༥ ༧ ༡༦

持明仁增塔欽速疾祈禱文


留言

這個網誌中的熱門文章

《極樂願文》 2.12懺悔未知自性罪之一

《入雄心菩薩行論》第六品修忍辱

《極樂願文》 參、往極樂淨土四真理一、觀想淨土(一)