《入雄心菩薩行論》第三品 受持菩提心盡捨布施後涅槃


བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།
《入雄心菩薩行論》
བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བ་སྟེ་ལེའུ་གསུམ་པའོ།།
第三品 受持菩提心
ཐམས་ཅད་བཏང་བས་མྱ་ངན་འདའ། བདག་བློ་མྱ་ངན་འདས་པ་སྒྲུབ།
盡捨布施後涅槃 我之身心涅槃成
ཐམས་ཅད་གཏོང་བར་ཆབས་གཅིག་ལ། སེམས་ཅན་རྣམས་ལ་བཏང་བ་མཆོག
咸皆布施之同時 施予有情甚殊勝
བདག་གིས་ལུས་ཅན་ཐམས་ཅད་ལ། ལུས་འདི་ཅི་བདེར་བྱིན་ཟིན་གྱིས།
吾己身軀之全數 此身隨意已全施
རྟག་ཏུ་གསོད་དང་སྨོད་པའམ། བརྡེག་སོགས་ཅི་དགར་བྱེད་ལ་རག
恆時殺害或輕蔑 揍等恣意所任行
བདག་གི་ལུས་ལ་རྩེ་བྱེད་དམ། ཅོ་འདྲི་ག་ཞའི་རྒྱུ་བྱེད་ཀྱང་།
於吾身體戲弄或 詆毀譏諷亦可也
བདག་གི་ལུས་འདི་བྱིན་ཟིན་གྱིས། འདི་ཡི་ཁ་ཏས་ཅི་ཞིག་བྱ།
吾身咸已布施竟 如是守護復何為
དེ་ལ་གནོད་པར་མི་འགྱུར་བའི། ལས་གང་ཡིན་པའང་བྱེད་དུ་ཆུག
予彼無有害損之 為彼一切皆行持
བདག་ལ་དམིགས་ནས་ནམ་དུ་ཡང་། འགའ་ཡང་དོན་མེད་མ་གྱུར་ཅིག
願彼緣我何時亦 行持義事不空耗
བདག་ལ་དམིགས་ནས་གང་དག་གི། ཁྲོའམ་དད་པའི་སེམས་བྱུང་བ།
任孰緣我之此等 生起瞋怒或信心
དེ་ཉིད་རྟག་ཏུ་དེ་དག་གི། དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག
於此恆時之此等 利眾諸事願成辦
གང་དག་བདག་ལ་ཁ་ཟེར་རམ། གཞན་དག་གནོད་པ་བྱེད་པའ་མ།
任誰詆毀我之言 他眾對我傷害或
དེ་བཞིན་ཕྱར་ཀ་གཏོང་ཡང་རུང་། ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར།
等同如是譏笑亦 咸願變為菩提道
བདག་ནི་མགོན་མེད་རྣམས་ཀྱི་མགོན། ལམ་ཞུགས་རྣམས་ཀྱི་དེད་དཔོན་དང་།
我為無怙之怙主 菩提勝道引領者
བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། གཟིངས་དང་ཟམ་པ་ཉིད་དུ་གྱུར།
越渡者之舟楫與 船及橋樑願變成
གླིང་དོན་གཉེར་ལ་གླིང་དང་ནི། གནས་མལ་འདོད་ལ་གནས་མལ་དང་།
需洲願變為洲及 需住臥具願變成
བདག་ནི་ལུས་ཅན་བྲན་འདོད་པ། ཀུན་གྱི་བྲན་དུ་གྱུར་པར་ཤོག
我為有情之奴僕 悉數需僕願為僕
ཡིད་བཞིན་ནོར་དང་བུམ་པ་བཟང་། རིག་སྔགས་གྲུབ་དང་སྨན་ཆེན་དང་།
如意珍寶之寶瓶 咒成就及大藥與
དཔག་བསམ་གྱི་ནི་ཤིང་དག་དང་། ལུས་ཅན་རྣམས་ཀྱི་འདོད་འཇོར་གྱུར།
滿願如意寶樹及 變為有情之所欲
ས་སོགས་འབྱུང་བ་ཆེན་པོ་དང་། ནམ་མཁའ་བཞིན་དུ་རྟག་པར་ཡང་།
地等四大界以及 虛空般悉恆時亦
སེམས་ཅན་དཔག་ཏུ་མེད་པ་ཡི། རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག
眾生無量無邊之 悉數受用願變成
དེ་བཞིན་ནམ་མཁའི་མཐས་གཏུགས་པའི། སེམས་ཅན་ཁམས་ལ་རྣམ་ཀུན་དུ།
等同虛空際為主 一切有情界恆常
ཐམས་ཅད་མྱ་ངན་འདས་བར་དུ། བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག
悉數於涅槃之間 吾變受用之順因
ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་།
往昔樂臻如來以 發起廣大菩提心
བྱང་ཆུབ་སེམས་དཔའི་བསླབ་པ་ལ། དེ་དག་རིམ་བཞིན་གནས་པ་ལྟར།
雄心菩薩之戒學 等同依次安住般
དེ་བཞིན་འགྲོ་ལ་ཕན་དོན་དུ། བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་།
如是為利諸有情 殊勝菩提亦發起
དེ་བཞིན་དུ་ནི་བསླབ་པ་ལའང་། རིམ་པ་བཞིན་དུ་བསླབ་པར་བགྱི།
復於菩提心學處 依次第而勤修學
དེ་ལྟར་བློ་དང་ལྡན་པ་ཡིས། རབ་དང་བྱང་ཆུབ་སེམས་བཟུང་ནས།
如是慧睿俱全以 清淨菩提心持握
མཇུག་ཀྱང་རྒྱས་པར་བྱ་བའི་ཕྱིར། སེམས་ནི་འདི་ལྟར་གཟེངས་བསྟོད་དོ།
爾後更為增長故 斯此心抬應歡讚
དེང་དུ་བདག་ཚེ་འབྲས་བུ་ཡོད། མི་ཡི་སྲིད་པ་ལེགས་པར་ཐོབ།
如是此生具成果 人身圓滿已獲得
དེ་རིང་སངས་རྒྱས་རིགས་སུ་སྐྱེས། སངས་རྒྱས་སྲས་སུ་བདག་དེང་གྱུར།
生為如來種性者 我今已成如來子
ད་ནི་བདག་གིས་ཅི་ནས་ཀྱང་། རིགས་དང་མཐུན་པའི་ལས་བརྩམས་ཏེ།
現今我必當行持 菩薩種性事業行
སྐྱོན་མེད་བཙུན་པའི་རིགས་འདི་ལ། རྙོག་པར་མི་འགྱུར་དེ་ལྟར་བྱ།
無有污染之種性 慎莫令其有污垢
ལོང་བས་ཕྱག་དང་ཕུང་པོ་ལས། ཇི་ལྟར་རིན་ཆེན་རྙེད་པ་ལྟར།
如盲於廢棄污堆 如是覓得珍寶般
持明仁增塔欽 https://chihming8.blogspot.com/

留言

這個網誌中的熱門文章

《極樂願文》 2.12懺悔未知自性罪之一

《入雄心菩薩行論》第六品修忍辱

《極樂願文》 參、往極樂淨土四真理一、觀想淨土(一)