密續法教肇始出現聖地龍嘎瑪拉雅雷鐵燃燒山巔史及祈請信心明鏡文


གསང་སྔགས་བསྟན་པ་དང་པོ་བྱུང་ས་ལངྐའི་རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་བྱུང་བརྗོད་དད་པའི་མེ་ལོང་།།

密續法教肇始出現聖地龍嘎瑪拉雅雷鐵燃燒山巔史及祈請信心明鏡文

ཤེས་བྱ་རིག་པ་རྒྱ་མཚོའི་འཇིངས་ཡངས་པར། །བློ་གྲོས་ནོར་བུའི་མཛོད་ཆེན་འབུམ་དུ་བརྡལ། །སེམས་དང་ཡུལ་གྱི་བཀོད་པ་སྣ་ཚོགས་རིས།།

咸學睿智如洋深廣內      

慧博摩尼珍寶遍十萬           

心及器之一切所顯紋

ཇི་བཞིན་གཟིགས་པའི་འཕགས་པ་ཆེ་རྣམས་རྒྱལ།  །མ་ལ་ཡ་རི་གནམ་ལྕགས་འབར་བའི་རྩེར།      །ཁྲོ་ཆེན་དཔའ་བོ་རྟ་ཕག་ཡབ་ཡུམ་གྱིས།།

實見珍貴大覺佛頂禮      

瑪拉雅山雷鐵燃巔上           

大怒勇父馬海雙融以

མ་ཏྲམ་རུ་ཏྲའི་སྙིང་ལུས་ཟངས་ཐལ་གཟིར།    །དཔུང་བཅས་བརླགས་ནས་ཆ་བྱད་ཁྲོ་ཆས་བསྒྱུར།     །མ་ལ་ཡ་གནས་བམ་རི་ཐོད་མཁར་རུ།།

馬章日札身心穿越逾      

日札隨降裝扮變怒飾           

瑪拉雅位遺體頭蓋上

 རྟ་ཕག་གཉིས་ཀྱིས་རུ་ཀྲ་དམ་ལ་བཞག །མཚན་ལ་ཆོས་སྲུང་མ་ཧཱ་ཀཱ་ལར་བཏགས། །ལྷུན་གྲུབ་བཀོད་པར་སངས་རྒྱས་ལུང་བསྟན་ཏོ།།

馬豕二融日札魔王降      

伏為護法瑪哈嘎拉稱           

自成嚴剎成佛授記矣

སྲིན་པོ་སྒྲ་སྒྲོགས་དབང་འབྱོར་སྟོང་པའི་རྗེས། །རྒྱ་གར་རྒྱལ་རྒྱུད་དེད་དཔོན་སེང་གེ་ཡིས། །དབང་དུ་བྱས་པས་སེངྒ་ལ་ཞེས་པའི།། 

羅剎聲王權勢空失後      

印度皇族後裔僧給漂           

擁地故而取稱僧嘎拉

 མིང་ཆགས་གླིང་འདིར་ལང་གཤེགས་སྔགས་བཅས་དར། །སྤྲོས་མཚན་ཡང་དག་བདེ་ཆེན་འབྱམས་ཀླས་སྐུ། །གསང་རྒྱུད་སྙིང་པོའི་བསྟན་པ་སྤེལ་བའི་ཕྱིར།།

此洲楞伽經宣密法降      

離戲清淨大樂遍照身        

密續精髓法教增宏揚

དྭངས་མཚོའི་རླབས་བཞིན་རིགས་ཅན་དྲ་མ་ལྔའི།  །གདུང་ཚིག་ཇི་བཞིན་གསང་བདག་བྱོན་གནས་རྨད།  །ཐུབ་པའི་གཟུགས་སྐུ་ཉི་མ་བྱོན་པའི་རྗེས།།

淨海浪般聖種五貴者      

懇詞呼金剛手蒞奇哉        

能仁化身夕陽落般逝

རིགས་ཅན་ལྔ་ཡིས་གདུང་ཚིག་ཉེར་གསུམ་བསྟན། །སངས་རྒྱས་རྣམས་ཀྱིས་གསང་བདག་ཉིད་བསྐུལ་ཏེ། །སྔགས་རྒྱུད་ཀྲི་ཡའི་ཆོས་སོགས་བཤད་ཞེས་གྲགས།། 

聖種五者哀呼廿三句      

如來佛咸聚惕金剛手        

密法芝雅山巔上宣講

 འོག་མིན་ཞིང་དང་དགའ་ལྡན་རི་རབ་རྩེར།   །བླ་མེད་གསང་ཆེན་སྔགས་བརྒྱུད་སླར་བསྟན་པ།   །གསེར་གྱི་གླེགས་བམ་བེཌཱུརྱའི་ཡི་གེ།

勝上樂居彌山巔天界      

無上密續法門復宣講        

金匣經典藍寶字書寫

 བྲིས་ཏེ་དགོངས་རྩལ་བདུན་གྱིས་གཏེར་དུ་སྦས།  །ལྷ་གནས་གསུམ་བརྒྱུད་གསང་ཆེན་འོ་མའི་རླབས།  །མ་ལ་ཡ་རིའི་རྩེ་མོར་འཕྱུར་བའི་དཔལ།།

七意勝力修持伏藏矣      

天界三趣密續宣淨浪        

瑪拉雅巔噴洩之力以

  ལྷ་ཀླུ་གནོད་སྦྱིན་སྲིན་པོ་མི་དང་ལྔའི།    །ཡིད་ཀྱི་གསོས་སུ་སྨིན་ནས་ཞིང་འདིར་བཞུར།    །ལངྐའི་བདག་པོ་སྒྲ་སྒྲོགས་མཆོག་གི་བུ།།

天龍施害羅剎人五種      

其心融覆綻開揚世界        

龍嘎族之聲王珍貴子

 སྲིན་པོ་ལངྐ་མགྲིན་བཅུའི་གདན་དྲངས་ལྟར།  །ལངྐ་གཤེགས་པའི་མདོ་སྡེ་འདིར་བསྟན་ཞེས།  །གྲགས་དཀར་སྙན་པོས་ཡིད་ཀྱི་དད་སྟོབས་གསོས།། 

羅剎龍嘎九頸恭請般      

楞伽經宣名聲廣揚吾        

乃成信心修復之勝力

 སྣོད་དག་རྡུལ་མེད་ངེས་དོན་ཇི་བཞིན་འཆར།  །བཅུད་དག་སེམས་དང་སེམས་བྱུང་རྗེན་བསྟན་པའི།  །ཟབ་ལམ་སྔགས་ཀྱི་བསྟན་པ་རིན་པོ་ཆེ།།

器淨無塵究竟真實顯      

情界心王心所赤裸宣          

勝道密法法教仁波切

  སྒྲ་ཇི་བཞིན་པར་ནང་སེམས་དབང་འབྱོར་སྨོན།།

 所述密法願心擁權悟

གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་དང་པོ་བྱུང་ས་རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར་རྒྱ་ཀོང་རིག་འཛིན་མཐར་ཕྱིན་ནས་དད་དམ་ཚད་མེད་པའི་སོར་བཅུ་སྙིང་ཁར་སྦྱར་ནས་སྨོན་ལམ་དང་འབྲེལ་བའི་བསྒྲིགས་རྩོམ་བྱས་པ་འདིས་ཀྱང་རྡོ་རྗེ་ཐེག་པ་ངེས་གསང་ཆོས་ཀྱི་བདུད་རྩི་སེམས་ཅན་ཀུན་གྱི་ཡིད་ལ་འཇུག་པར་ཤོག།།

大密法金剛次第法教仁波切肇始出現之聖地瑪拉雅雷鐵燃燒之山巔上,迦恭仁增塔欽信心無邊十指合掌心間,祈請匯集妙詩所撰,此亦願金剛次第究竟成佛甘露之法門融入每一眾生之心中。


留言

這個網誌中的熱門文章

《極樂願文》 2.12懺悔未知自性罪之一

《入雄心菩薩行論》第六品修忍辱

《極樂願文》 參、往極樂淨土四真理一、觀想淨土(一)