20220514 持明即述 仁增塔欽 藏文
持明即述 藏文
བརྒྱ་སྦྱིན་གཞུ་མདངས་རླུང་རྟ་སྒེག་མོའི་ཁྱུར།།
སྤྲིན་གྱི་མེ་ཏོག་མངོན་འདོད་གྱིས་བྲེལ་བར།།
བརླན་སྐྱེས་རྩེ་མོ་ཅན་དག་སྨུག་གསེབ་ནས།།ཁ་ཁི་སིམ་པོས་ཕག་བལྟ་བྱེད་ལ་ལྟོས།།
བྲེ་ཤ་ཐོན་པའི་འཁོར་བའི་ཕུན་ཚོགས་དཔལ།།
དགེ་མཚན་བྱེ་བས་སྤུད་པའི་མཐོང་བ་འདིས།།
ནང་དུ་ཡང་དག་འཇོག་ལ་རིང་བ་ང་།།
ངེས་འབྱུང་བློ་རབ་སྐྱེ་བར་བླ་མ་མཁྱེན།།
ཡིད་འཕྲོག་འོད་སྐུ་རྗེས་ཆགས་ཟླ་བའི་བཞིན།།
སྣང་གསལ་འཇའ་རས་ལྭ་བས་གཡོག་པ་ཡི།།
བདེ་ཆེན་ཀུན་བཟང་ཡེ་ཤེས་མཚོ་རྒྱལ་ལྷའི།།
བྱིན་གནས་ཉམས་དགའ་དབེན་པའི་ལྗོངས་འདི་ནས།།
བོད་ཆོས་ཐུབ་བསྟན་གྲུབ་རྟགས་སེམས་འདུལ་ཏེ།།
ཉོན་མོངས་མགོ་ནས་མནན་པའི་རྫུ་འཕྲུལ་གྱིས།།
བགས་ཆགས་ཞེ་སྡང་དགྲ་བོའི་འགྱུ་རྟོག་ཀུན།།
བསྒོམས་མྱོང་གཉེན་པོའི་ཕྱོགས་ཀྱིས་གྲོལ་ནུས་ཤོག། རྒྱ་ཀོང་རིག་འཛིན་མཐར་ཕྱིན།
🌈 持明仁增塔欽 https://chihming8.blogspot.com/
留言
張貼留言