གླིང་ལྔ་མཚོ་བཞིས་རི་མོར་དོད་པའི་མཐུན་སྣང་གོ་ལ་ཟླུམ་པོའི་རྩེར།།

དུང་རིའི་གཟི་མདངས་མཁའ་ན་བརྗིད་པའི་གངས་ལྡན་ཞིང་གི་བཀོད་པ་ཡོད།།

འདི་ན་སྣོད་བཅུད་གཏེར་གྱིས་གཏམས་ལ་ཆོས་རིག་ནོར་བུའི་མཛོད་འཁྱིལ་བའི།།

གཟི་བརྗིད་གྲགས་དཀར་སྙན་པའི་ལོ་རྒྱུས་ལོ་བརྒྱའི་སྔོན་དུ་ཏོག་ལྟར་མཛེས།།

འདས་ལོ་བརྒྱ་ཕྲག་སྨིན་པའི་སྔོན་ན་ཆོས་དང་རིག་གནས་རྒྱ་མཚོའི་དཔལ།།

གོ་ལའི་ཁྱོན་དུ་གཞན་དྲིང་དབེན་པའི་གདོང་དམར་བོད་པའི་མི་རིགས་རྣམས།།

རང་བྱུང་དྭངས་གཙང་སྨན་གྱི་ལྗོངས་ལ་རང་དབང་དགའ་བས་འཚོ་བ་ཡི།།

བདེན་ལུགས་གནས་ཚུལ་ཡིད་ལ་དྲན་དང་དཔལ་ལྡན་བོད་ཀྱི་ཆེ་བ་ཤེས།།

སྔོན་བྱོན་རྒྱལ་བློན་མཁས་བཙུན་གྲུབ་ཐོབ་བཟང་པོའི་ལོ་རྒྱུས་དོར་བྱས་ཏེ།།

སྙིགས་མའི་རྟོག་པས་ཆོས་ལ་མཁུ་ཞིང་རིག་གནས་རང་མོས་བསྒྱུར་བའི་ཚེ།།

དྲན་ཤེས་མིག་གི་སྣང་བ་དག་ཅིང་དཔྱོད་ཤེས་བློ་ཡི་སྟོབས་བརྟས་ཏེ།།

ནང་གི་བཤེས་གཉེན་སྙིང་ལ་བསྟེན་པའི་ལེགས་བཤད་སྣང་བ་རྒྱས་གྱུར་ཅིག།

གནའ་སྲོལ་ལུང་རིག་རིག་པའི་འགྲོས་མེད་གསར་བྱུང་ནུབ་རིག་རྗེས་མ་ཕྱིན།།

རང་དབང་གཏམ་ཉོམ་རྩོམ་ལ་སྨྲ་བའི་ནེ་ཙོའི་མགྲིན་ངག་ལས་འདས་པའི།།

དཔྱད་རྩོམ་སྙན་རྩོམ་འོ་མའི་རྒྱུན་བཟང་བསིལ་ལྡན་གངས་རིའི་མཐར་ཁྱབ་ཅིང་།།

སྣོད་བཅུད་གཡང་གི་དགེ་མཚོ་འཁྱིལ་ཞིང་ལེགས་བཤད་སྙན་རླབས་འཕྱོ་གྱུར་ཅིག།

དུས་མཐའི་ཆོས་སྨྲ་བ་རྒྱ་ཀོང་རིག་འཛིན་མཐར་ཕྱིན་ནས།
2013-01-14 གླིང་ལྔ་མཚོ་བཞིས་རི་མོར་དོད་པའི་མཐུན་སྣང་གོ་ལ་ཟླུམ་པོའི་རྩེར།།

2013-01-14 持明 仁增塔欽

留言

這個網誌中的熱門文章

ཚོགས་མི་ཡོངས་ལ་གསལ་བཤད་ཞུ་ཡ་ནི་ང་ཚོའི་ལྔ་རིག་

《入菩薩行論智慧品》2018年8月7日(上)

《入菩薩行論智慧品》 2018年7月1日(下)